极速时时彩

ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

རྐང་ཐང་དུ་བསྐྱོད་ནས་མཐོང་དཀོན་པའི་གནམ་མཚོ་ཕྱུག་མོའི་མཛེས་ལྗོངས་ལ་རོལ་མྱོང་བྱེད།

སྤེལ་དུས 2019-08-30 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། སྤྲིན་གྱི་ཕུང་བོ་དག་ནི་སྔོ་ཞིང་བསངས་པའི་ནམ་མཁར་འཕྱང་བ་འདྲ་ཞིང་། མཚོ་མོ་གཡུ་ཡི་མེ་ལོང་ངོས་སུ་རླབས་ཕྲན་ཕྲེང་བ་བར་མེད་གཡོ་བཞིན་མཚོ་ངོགས་དག་ལ་རྡེག་པར་བྱེད། རྟ་ཕོའི་རྨིག་བཞིས་རྫིས་མྱོང་མེད་པའི་རྩྭ་ཕྲན་དག་གིས་མཚོ་རྒྱུད་རྩྭ་ར་ཡོངས་ལ་ཁེབས། དེ་ཡང་ནམ་མཁའ་སྔོ་ཞིང་སྤྲིན་པ་དཀར། རི་བོ་སྔོ་ཞིང་ཆུ་མོ་དྭངས་པའི་འདྲེས་མཚམ་ན། ཟླ་8པའི་ཚེས་27ཉིན་2019ལོའི་ལྷ་སའི་ཞོ་སྟོན་དུས་ཆེན་གྱི་སྐབས་བཅུ་གསུམ་པའི་གནམ་མཚོའི་རྐང་ཐང་ཚོགས་ཆེན་གྱི་“འཁྱགས་རོམ་འཚོལ་ཞིབ་ཚོགས་ཆུང་”དང་“གནམ་མཚོའི་གནས་གཟིགས”འགྲན་སློང་ཚོགས་ཆུང་གི་རྐང་ཐང་དུ་བསྐྱོད་པའི་བྱ་འགུལ་དེ་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གནམ་མཚོའི་ལྷོ་ངོགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་འབྲོག་ར་དང་གཉན་ཆེན་ཐང་ལྷའི་བྱང་རོལ་གྱི་ཁྲེ་ཆུའི་རོང་ས་ནས་སྤེལ་བ་རེད།
            སྔ་དྲོའི་ཆུ་ཚོད་11དང་སྐར་མ་10ཙམ་ལ་“གནམ་མཚོའི་གནས་གཟིགས”འགྲན་སློང་ཚོགས་ཆུང་གི་རྐང་ཐང་རུ་མི་ཚོ་གནས་འདི་ནས་འཚོགས་ཏེ་བྱང་གི་གནམ་མཚོ་ཕྱུག་མོའི་ལྗོངས་ཁུལ་གྱི་གསུམ་མདོ་ནས་དུས་ཐོག་ཏུ་ཆས་པ་རེད། རུ་མི་ཚོས་མགོ་ལ་ཉི་འགོག་ཞྭ་མོ་དཀར་པོ་གྱོན་པ་དང་། ལུས་ལ་ལི་ཁྲིའི་ཉི་འགོག་ལྭ་བ་གྱོན་ཞིང་། རྒྱབ་ཏུ་ནུས་ཚད་ཁ་གསབ་ཁུག་མ་སྔོན་པོ་གཉིས་གསུམ་ཙམ་འཁུར་ཏེ་མཚོ་འགྲམ་གྱི་གཞུང་ལམ་ཐོག་བསྐྱོད་པ་རེད། 
རི་མོ་ནི་འགྲན་ཞུགས་རུ་མི་ཚོ་གནམ་མཚོའི་འགྲམ་དུ་བསྐྱོད་པ་ཡིན།
རི་མོ་ནི་འགྲན་ཞུགས་རུ་མི་ཚོ་མགོ་རྩོམ་ས་ནས་ལམ་ལ་ཆས་པ་རེད།
རི་མོ་ནི་གནམ་མཚོའི་ལྷོ་ངོས་ཀྱི་ཡུལ་ལྗོངས་རེད།
རི་མོ་ནི་འགྲན་ཞུགས་བདམས་ཐོན་པ་ལི་ཡ་ནན་ (རི་མོ་གཡས་)དང་ཁོའི་བུ་མོ་གཉིས་མཉམ་དུ་མཚོ་འགྲམ་དུ་བསྐྱོད་པ་ཡིན།
            རྩྭ་ལྗང་གདན་དུ་བྱས་པའི་རྩྭ་ར་ནས་རྨི་ལམ་གྱི་ཞིང་ཁམས་ལྟ་བུའི་བྱང་གི་གནམ་མཚོ་ཕྱུག་མོར་རྒྱང་ལྟ་བྱེད་སྐབས། གསར་འགོད་པས་རུ་མི་ཚོ་དང་མཉམ་དུ་“མིག་ཟུང་ལྷ་ཡུལ་དང་། ལུས་པོ་དམྱལ་ཡུལ་དུ་ཡོད་པའི་”རྐང་ཐང་གི་མྱོང་བ་སེམས་ནས་ཚོར་བཞིན་ཡོད། འགྲན་ལམ་དང་བར་ཐག་སྤྱི་ལེ་2ཙམ་ཡོད་པའི་མཚོ་འགྲམ་གྱི་འདམ་ར་རུ་ཡུན་ནན་ཁུན་མིང་ནས་ཡོང་བའི་འགྲན་ཞུགས་བདམས་ཐོན་པ་ལི་ཡ་ནན་བུ་མོ་དང་མཉམ་དུ་མཚོ་འགྲམ་དུ་སྐྱོད་བཞིན་མཆིས། འདམ་རའི་འགྲམ་གྱི་ཆུ་འཁྱིལ་ཞིག་གིས་ཁོང་ཚོའི་གྲིབ་གཟུགས་ལྷག་ཏུ་རིང་བོ་བྱེད།
            ལི་ཡ་ནན་ནི་གནམ་མཚོར་ཐེངས་དང་པོ་ཡོང་བ་ཞིག་མིན་ཞིང་།  ཁོང་གིས་དེ་སྔོན་བཀྲ་ཤིས་ཕྱེད་གླིང་གི་ “རྟ་ཐོག་ནས་མེ་ཏོག་ལ་ལྟ་བ་”དང་བསྡུར་ན་རྐང་ཐང་དུ་བསྐྱོད་པ་ནི་གནམ་མཚོར་རྒྱུས་ལོན་གཏིང་ཟབ་བྱེད་པའི་གོ་སྐབས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད། རྐང་ཐང་དུ་ཕྱིན་ན་ད་གཟོད་གནམ་མཚོ་ཕྱུག་མོའི་མཛེས་ལྗོངས་ལ་མྱོང་རོལ་བྱེད་ཐུབ། “སྲིད་གཞུང་གིས་གཙོ་གཉེར་བྱས་པའི་བྱ་འགུལ་ཡིན་པས་ང་ཚོས་འགྲན་བསྡུར་སྤེལ་བ་དང་འགྲོ་ཆས་འགན་ལེན་གྱི་ཕྱོགས་གང་ཅིའི་ཐད་ནས་ཧ་ཅང་བློ་བདེ་པོ་བྱུང་ཡོད། དེ་བས་ཐེངས་འདིའི་རྐང་ཐང་ཚོགས་ཆེན་ལ་སློབ་ཆེན་ལོ་རིམ་དང་པོ་ཡིན་པའི་རང་གི་བུ་མོའང་ཁྲིད་དེ་མཉམ་དུ་ཞུགས་འགྲམ་སྡུར་ནང་ཞུགས་པ་ཡིན།”
            ལི་ཡ་ནན་གྱིས་གནམ་མཚོའི་ལྷོ་འགྲམ་གྱི་ཡུལ་ལྗོངས་ནི་ཁོང་གི་བསམ་ཚོད་ལས་ཀྱང་མཛེས་ཞེས་བཤད། “ང་ཚོའི་ལམ་བར་དུ་མཛེས་ལྗོངས་ལ་མྱོང་རོལ་བྱ་རྒྱུ་གཙོ་བོར་བྱེད་པ་དང་། ལམ་བར་དུ་འགྲོ་ཞོར་ལ་བལྟས་པའི་ཡུལ་ལྗོངས་ཧ་ཅང་ཡག ཕྱིར་ལོག་རྗེས་ངས་གྲོགས་པོ་ཚོར་དེ་གའི་ཡུལ་ལྗོངས་ངོ་སྤྲོད་བྱེད་ངེས་ཡིན་ལ་རྐང་ཐང་དུ་བསྐྱོད་པའི་གནམ་མཚོའི་ཚོགས་ཆེན་དེ་ལྷ་སའི་མཛེས་སྡུག་ལྡན་པའི་མིང་བྱང་ཞིག་ཏུ་གྱུར་ནས་ཡུལ་སྐོར་བ་དེ་བས་མང་བ་འགུག་རྒྱུའི་རེ་བ་བྱེད་ཀྱིན་ཡོད། ”
རི་མོ་ནི་འགྲན་ཞུགས་རུ་མི་གནམ་མཚོ་ཕྱུག་མོའི་ལྷོ་འགྲམ་དུ་བསྐྱོད་པ་རེད།
རི་མོ་ནི་གནམ་མཚོ་ཕྱུག་མོའི་ལྷོ་འགྲམ་གྱི་ཡུལ་ལྗོངས་ཡིན།
            “མིག་ལྷ་ཡུལ་དང་། ལུས་པོ་དམྱལ་ཡུལ”ཞེས་པའི་རྐང་ཐང་འགྲུལ་བཞུད་འདི་ད་དུང་ཡང་རྒྱུན་སྐྱོང་བཞིན་ཡོད། ཆ་སྙོམས་མཚོ་འཕགས་སྨི་4700ཅན་གྱི་མཚོ་འགྲམ་དེད་ནས་འགྲོ་རྒྱུ་ལས་སླ་མོ་ཞིག་མ་རེད།  རྐང་པ་གཉིས་བྱེ་རྡོའི་ཐོག་ཏུ་སྤོས་པས་འཛིན་ཤུགས་སྤུ་ཙམ་ཡང་མྱེད་པས། གོམ་པ་རེ་རེ་སྤོ་བར་ཐང་བདེ་ལས་དེ་ཙམ་དཀའ་ལས་བརྒྱབ་ན་གཞི་ནས་བྱེ་རྡོ་ནང་དུ་ཕྱེད་ཙམ་ནུབ་པའི་ལྷམ་མདུན་ཕྱོགས་སུ་སྤོ་ཐུབ། ལམ་བར་གྱི་ཡུལ་ལྗོངས་ལྟ་ན་སྡུག་པ་ཡིས་ངལ་ཞིང་དུབ་པའི་ལུས་ཕུང་འདི་ལ་སེམས་གསོ་ཡང་ཡང་བྱེད་པ་དངོས་ནས་ཡག་སོང་། ཉི་འོད་དང་སྤྲིན་དཀར་གྱིས་དུས་ངེས་མེད་དུ་གབ་རྩེད་བྱེད་པ་དང་། གྲིབ་གཟུགས་ཀྱང་སྐབས་རེར་མཚོ་ཆུར་འཕོས་ནས་སྔོ་ནག་དང་སྔོ་སྐྱ། སྔོ་ལྗང་། ཐ་ན་དངུལ་དཀར་སོགས་ཀྱི་ཁ་དོག་སྣ་ཚོགས་སུ་འགྱུར་བར་བྱེད།
            གནམ་མཚོ་ཕྱུག་མོའི་ལྷོ་ངོགས་སུ་སྐྱོད་སྐབས་ལྟད་མོ་བ་མེད་པའི་སྣང་བ་འཆར་ཡང་མཚོ་མོའི་རླབས་འོད་དང་རི་མདངས་རི་བྱད་བར་གྱི་ཡོད་ཚད་ནི་སྐུལ་ལྕག་འབའ་ཞིག་སྟེ།  ཆུ་སྐྱར་ཞིག་གིས་མཐའ་འཁོབ་ཀྱི་ཁུ་སིམ་དཀྲོགས་ཏེ་མཚོ་ངོས་སུ་མཆུ་ལྕག་གིས་བྲད་དེ་ཆུ་ཡི་མེ་ཏོག་སེར་པོ་མཚམས་དང་མཚམས་སུ་བཞད་པ་དེས་ཆུ་མོའི་མཛེས་པ་གཞན་ཞིག་བསྣན་པ་མ་ཡིན་ནམ། 
            དེ་ཡང་འགྲན་ཞུགས་རུ་མིས་བྱ་འགུལ་སྤེལ་ཡུལ་ནས་ཕུན་སུམ་ཚོགས་པའི་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་ཐད་ཀར་མྱོང་ཚོར་བྱ་ཐུབ་ཆེད། “གནམ་མཚོའི་གནས་གཟིགས”ཉམས་ལེན་ཚོགས་ཆུང་གི་རྐང་ཐང་ལམ་ཐིག་དེའི་མཐའ་སྣེ་མི་འདྲ་བ་3ཡོད་པའི་མིང་ཡང་སྲོག་ཆགས་ཀྱི་མིང་ནས་བཏགས་ཡོད་པ་རེད། སྤྱི་ལེ་10ཡི་མཚམས་ནི་ནོར་ནག་གི་མཐའ་སྣེ་དང་སྤྱི་ལེ་20ཡི་མཚམས་ནི་གཙོད་ཀྱི་མཐའ་སྣེ། སྤྱི་ལེ་28ཀྱི་མཚམས་ནི་གསའ་ཡི་མཐའ་སྣེ་བཅས་ཡོད། 
རི་མོ་ནི་མཐའ་སྣེར་སླེབས་ལ་ཉེ་བའི་འགྲན་ཞུགས་བདམས་ཐོན་པ་ཉེ་ཧུང་ཡིན།
            སྤྱི་ལེ་28ཡོད་པའི་གསའ་ཡི་མཐའ་སྣེ་ནས་གསར་འགོད་པས་འགྲན་ཞུགས་བདམས་ཐོན་པ་ཉེ་ཧུང་དང་བླངས་པ་དང་རུ་གྲོགས་ཚོའི་ངར་སྐུལ་འོག་ནས་མཐའ་སྣེ་རུ་སྐྱོད་བཞིན་ཡོད་པ་མཐོང་བྱུང་། མཐའ་མའི་ས་ཚིགས་བརྒལ་རྗེས་ཉེ་ཧུང་གི་དབུགས་ཧ་ཅང་ལྷོད་ཅིང་མཐོ་སྒང་ནས་སྤྱི་ལེ་30ཙམ་ལ་བསྐྱོད་མཁན་ཞིག་ཡིན་པ་གཏན་ནས་མི་ཤེས། “ལས་རིགས་ཀྱི་འབྲེལ་བའི་དབང་གིས་ངས་རང་ཉིད་ཀྱི་ལུས་པོའི་གནས་ཚུལ་ལ་ཧ་ཅང་ངོས་འཛིན་གསལ་པོ་བྱས་ཏེ། ང་རང་འགྲོ་བའི་བརྒྱུད་རིམ་ཁྲོད་ནས་མུ་མཐུད་དུ་སྙོམ་སྒྲིག་བྱས་པ་ཡིན”ཟེར། དེ་དང་ཆབས་ཅིག་ཁོང་གིས་བོད་ལྗོངས་ནི་ཧ་ཅང་མཛེས་སྡུག་ལྡན་པའི་ས་ཆ་ཞིག་ཡིན་པས་མི་ཚང་མ་ཐེངས་གཅིག་ཡོང་ན་འོས་ཞེས་བཤད་པ་རེད།
            ས་སྲོད་ཀྱི་དུས་སུ་འགྲན་ཞུགས་རུ་མི་ཚོས་འདམ་གཞུང་རྫོང་གནམ་མཚོ་ཤང་དང་བར་ཐག་སྤྱི་ལེ་7ཙམ་ཡོད་པའི་སྒར་ས་ལ་གཅིག་རྗེས་གཉིས་མཐུད་ངང་སླེབས་ཤིང་། རུ་མི་རྣམས་སྔ་གཞུག་ཏུ་སྒར་ས་འདིར་འཛོམས་ནས་ངལ་གསོ་བའམ་ཡང་ན་སྐོར་དང་སྐོར་བྱས་ནས་མཚོ་འགྲམ་དུ་བསྐྱོད་དེ་སྲོད་ཁའི་འོད་སྣང་དེ་ལ་རོལ་བར་བྱེད། མཚན་མོའི་སྐར་ཚོགས་ཀྱིས་ནམ་མཁའ་བཀང་ཞིང་། དགུ་ཚིགས་སྐྱ་མོས་མཚན་གྱི་དངུལ་འོད་འཕྲོ་བའི་ཚེ། ཁ་ཅིག་གིས་མགོ་བོ་དགྱེས་ནས་མཛེས་སྡུག་སེམས་སུ་ཉར་ཞིང་། ཁ་ཅིག་ནི་རྨི་ལམ་གྱི་ཞིང་ཁམས་འགྲིམས་པར་བྱེད། ལམ་ཐག་ཧྲིལ་པོར་བསྐྱོད་པའམ་ཡང་ན་ལམ་ཕྱེད་དུ་རླངས་འཁོར་བསྡད་པ་གང་ཡིན་ཡང་ཉིན་དེར་མི་རེར་ཚང་མར་རང་ཉིད་ལ་དབང་བའི་གནམ་མཚོའི་མཛེས་ལྗོངས་ཤིག་ཐོབ་ཡོད། 
རི་མོ་ནི་གནམ་མཚོའི་སྲོད་ཁའི་འོད་སྣང་ཡིན།
རི་མོ་ནི་གནམ་མཚོའི་སྐར་ཚོགས་ཁྲོད་ཀྱི་དགུ་ཚིགས་ཡིན།
རི་མོ་ནི་འགྲན་ཞུགས་རུ་མི་ཁག་གཅིག་གིས་གནམ་མཚོ་ཕྱུག་མོའི་བཀྲ་ཤིས་ཕྱེད་གླིང་དུ་དྲན་རྟེན་སྐུ་པར་བསྐྱོན་པ་ཡིན།
            ཉིན་གཉིས་པར་མཚོ་འགྲམ་དུ་ཉི་མ་ཤར་བར་བལྟས་རྗེས། རུ་མི་རྣམས་རླངས་འཁོར་ལ་བསྡད་ནས་གནམ་མཚོའི་བཀྲ་ཤིས་ཕྱེད་གླིང་དུ་བསྐྱོད་དེ་རྐང་ཐང་གི་བྱ་འགུལ་མུ་མཐུད་སྤེལ་བ་རེད། རྐང་ཐང་གི་བྱ་འགུལ་ནང་ཞུགས་པའི་བདམས་ཐོན་པ་ཚང་མས་འདི་ག་ནས་དྲན་གསོའི་རྟགས་མ་1དང་འགྲན་བསྡུར་བྱས་ཚར་བའི་ལག་ཁྱེར་1བླངས་ཆོག ཚང་མས་མཚོ་འགྲམ་དུ་ཡུལ་ལྗོངས་ལ་ལྟ་བ་དང་གད་སྙིགས་སྒྲུག་ཞོར་དུ་སྤྱི་ཕན་ཁོར་ཡུག་སྲུང་སྐྱོང་བྱས་ནས་རང་ཉིད་ཀྱི་ད་ཐེངས་ཀྱི་འགྲུལ་བཞུད་ལ་ཕུན་སུམ་ཚོགས་པའི་རྫོགས་རྟགས་ཤིག་བྲིས་པ་རེད།
极速时时彩 极速时时彩 极速时时彩 极速时时彩 极速时时彩 极速时时彩 极速时时彩 极速时时彩 极速时时彩 极速时时彩